Donate

རྒྱལ་སྤྱིའི་གཙང་ཆུའི་ལས་འགུལ་དང་རྒྱ་ནག་གི་ཆུ་རགས་ལ་ངོ་རྒོལ།

བོད་རང་བཙན་སློབ་ཕྲུག་ཚོགས་པས་རྒྱལ་སྤྱིའི་གཙང་ཆུའི་ལས་འགུལ་དང་རྒྱ་ནག་གི་ཆུ་རགས་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འདུགSFTདེ་ཡང་ཟླ་འདིའི་ཚེས་༡༤ཉིན། དྷ་ས་མེག་ལོར་གྷན་ཇིར་ལས་འགུལ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རྒྱ་གར་ནང་གི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་ཚེ་ལྷ་ལགས་ཀྱིས། རྒྱ་ནག་གཞུང་གིས་ཡར་རླུང་གཙང་པོའི་སྟེང་ཆུ་རགས་གང་བྱུང་རྒྱབ་པར་བརྟེན་ནས་རྒྱ་གར་ཤར་ཕྱོཊ་གྱི་མངའ་སྡེ་ཨ་སམ་གཙོས་པའི་ཨེ་ཤེ་ཡའི་རྒྱལ་ཁབ་གཞན་ལ་གནོད་སྐྱོན་བྱུང་དང་འབྱུང་བཞིན་ཡོད་སྐོར་གྱི་གོ་རྟོག་ལས་འགུལ་སྤེལ་གྱི་ཡོད་པ་དང་། དེ་བཞིན་ཨ་སམ་མངའ་སྡེ་ལ་བོད་རང་བཙན་སློབ་ཕྲུག་ཚོཊ་པའི་ལས་བྱེད་གཉིས་ཆེད་གཏོང་གིས། ཁུལ་དེའི་སློབ་ཕྲུག་དང་མི་མང་ལ་རྒྱ་ནག་གིས་ཆུ་རགས་ཀྱི་གནོད་སྐྱོན་སྐོར་གོ་རྟོག་སྤེལ་བཞིན་པ་དང་། ཡར་རླུང་གཙང་པོའི་གནས་སྟངས་ལ་ལྟ་ཞིབ་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་འདུག།
རྒྱ་ནག་གིས་བོད་ཀྱི་གཙང་པོར་འགན་ཁུར་རྩ་བ་ནས་མེད་པའི་ལས་འགུལ་སྣ་ཚོགས་སྤེལ་བཞིན་པ་མཚོན་ཆེད་དུ། གཏམ་བརྗོད་ཐུང་དུ་ཞིག་འཁྲབ་རྗེས། གསར་འགོད་གསལ་བསྒྲགས་ཤིག་འགྲེམས་སྤེལ་གནང་བའི་ནང་རྒྱ་ནག་གིས་ཡར་ཀླུང་གཙང་པོའི་སྟེང་དུ་ཆུ་རགས་བརྒྱབ་པ། དེའི་ཉེ་འགྲམ་དུ་གཏེར་ཁ་སྔོག་འདོན་བྱེད་པ། ཆུ་ཁ་བསྒྱུར་བ་སོགས་ལ་ངོ་རྒོལ་མཚོན་ཆེད་དང། རྒྱ་ནག་གི་བྱ་སྤྱོད་ཀྱིས་ས་གནས་ཡུལ་ཚོའི་འཚོ་རྟེན་ལ་དཀའ་ངལ་ཆེན་པོ་འཕྲད་མུས་ཡིན་སྐོར་འགྲེལ་བརྗོད་གནང་འདུག

གནས་ཚུལ་ཡོང་ཁུངས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་།

ཐེངས་ 42142 བཀླགས་འདུག