Donate

རྒྱུག་ཆུའི་བཞུར་རྒྱུན་བྲི་ཆག

བོད་ནང་གི་རྒྱུག་ཆུ་ཁག་གི་བཞུར་རྒྱུན་གྱི་གནས་སྟངས་ལ་འགྱུར་བ་ཐེབས་བཞིན་འདུག རྒྱ་ནག་གིས་རྒྱུག་ཆུ་འདི་དག་ཚོང་ལས་ཀྱི་ཁེ་ཕན་དང་དགོས་མཁོའི་ཆེད་བེད་སྤྱོད་བྱེད་པའི་འབད་རྩོལ་བྱས་པ་འདི་སུས་ཀྱང་སྔོན་དཔག་མ་ཐུབ་པའི་ཆེས་མགྱོགས་པིའིི་ཚད་གཞིར་སོན་པའི་རྒྱུག་ཆུའི་ཉམས་ཉེས་དང་འཇིགས་ཉེན་འདི་ད་དུང་ཤུགས་ཇེ་ཆེར་གཏོང་བཞིན་ཡོད།དཔེར་ན། རྒྱ་ནག་གི་མི་འབོར་ས་ཡ་ ༣༠༠ ཙམ་གྱི་འཚོ་གནས་ཀྱི་རྟེན་གཞིར་གྱུར་པའི་རྨ་ཆུ་དེ་ད་ལྟ་ཆེས་མྱུར་མགྱོགས་ངང་སྐམ་ཟད་དུ་འགྲོ་བཞིན་ཡོད་ཅིང་། རྒྱུག་ཆུ་འདི་ཉིད་ཀྱི་རང་བཞིན་གྱི་འབབ་ས་མཐར་ཐུག་ཡིན་པའི་རྒྱ་མཚོ་སེར་པོར་བཞུར་རྒྱུན་གྱི་སྣེ་མོ་མ་འབྱོར་བའི་སྐབས་ཡང་ཡང་ཡོང་གི་ཡོད། དེ་དང་མཚུངས་པར་རང་ཉིད་རྒྱ་མཚོར་རྒྱུགས་པའི་འགྲུལ་བཞུད་ཀྱི་གནས་སྐབས་སུ། ཕལ་ཆེར་མི་འབོར་ས་ཡ་ ༥༠༠ ཙམ་ལ་ཆུའི་དགོས་མཁོ་དང་མཐུན་རྐྱེན་མཁོ་སྤྲོད་བྱེད་མཁན་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆར་ཕྱི་ལོ་༢༠༠༦ ལོར་ལོ་ངོ་བརྒྱད་ཅུའི་ནང་གི་རྒྱུག་ཆུའི་བཞུར་ཚད་རིམ་པ་ཆེས་དམའ་ཤོས་སུ་ལྷུང་པ་ལྟར་ཡིན།

བོད་དང་རྒྱ་གར། པ་ཀི་སི་ཏན། ཨཕ་གྷ་ནི་སི་ཏན་བཅས་རྒྱལ་ཁབ་བཞི་བརྒྱུད་དེ་བཞུར་ཞིང་། པ་ཀི་སི་ཏན་གཙོ་བོར་བྱས་པའི་མི་འབོར་ས་ཡ་ ༡༧༨ ཙམ་གྱི་རྟེན་གཞིར་གྱུར་པའི་གཙང་ཆེན་སེངྒེ་ཁ་འབབ་དེ་ལ་ཡང་། གོང་དང་མཚུངས་པར་གནམ་གཤིས་འགྱུར་ལྡོག་གི་དབང་ལས་བྱུང་བའི་གོད་ཆགས་དང་ཉམས་ཉེས་རིགས་ལ་གདོང་ལེན་བྱེད་དགོས་པའི་གནས་སྟངས་འབྱུང་བཞིན་ཡོད། གཙང་ཆེན་འདིའི་ཆུའི་འབོར་ཚད་བརྒྱ་ཆ་ ༧༠ ནས་ ༨༠ བར་བོད་ཀྱི་འཁྱགས་རོམ་གྱིས་བསྐྱེད་པར་བྱེད་ཀྱིན་ཡོད། གཙང་ཆེན་འདི་ནི་ཆུ་བོ་སིན་དུའི་ཉ་ཀླུ་མོ་རྣ་རིང་མའི་ཁྱིམ་གཞིས་སུ་གྱུར་ཡོད་ལ།
ཉ་ཀླུ་མོ་རྣ་རིང་མ་ནི་འཛམ་གླིང་ནང་ཆེས་དཀོན་ཤོས་ཀྱི་འོ་འཐུང་སྲོག་ཆགས་ཀྱི་གྲས་ཤིག་ཡིན།

གལ་ཏེ་འཁྱགས་རོམ་བཞུར་བ་ལས་བྱུང་བའི་གཙང་ཆུའི་བཞུར་རྒྱུན་ལ་བྲི་ཆག་ཤུགས་ཆེན་བྱུང་ཚེ་ཉ་ཀླུ་མོ་རྣ་རིང་ཡང་རྩ་སྟོངས་སུ་འགྲོ་ངེས་ཡིན། པ་ཀི་སི་ཏན་གཅིག་པུའི་ནང་ས་ཁྱོན་ཨེ་ཀར་ས་ཡ་ ༣༦ གྱི་ཞིང་སར་གཙང་ཆེན་འདིས་ཞིང་ཆུ་མཁོ་སྤྲོད་བྱེད་ཀྱིན་ཡོད། དེ་དག་ནི་འབྲི་ཆུ་དང་རྫ་ཆུ། རྒྱལ་མོ་དངུལ་ཆུ་དང་སེངྒེ་ཁ་འབབ་བཅས་ཡིན། གནམ་གཤིས་འགྱུར་ལྡོག་གི་གནས་སྟངས་འདི་ནི་གཙང་ཆེན་སེངྒེ་ཁ་འབབ་ལ་ཤུགས་རྐྱེན་སྤྲོད་པའི་རྒྱུ་རྐྱེན་དུ་གྱུར་ཡོད་པ་དང་། ཉ་འཛིན་མཁན་ཕལ་ཆེ་བས་རྫ་ཆུ་གཙང་པོར་གནོད་སྐྱོན་བཟོ་བཞིན་པ། ཆུ་མཛོད་འཛུགས་སྐྲུན་གྱི་ལས་གཞིས་རྒྱལ་མོ་དངུལ་ཆུའི་ཆགས་འཇིག་ལ་ཉེན་ཁ་སྤྲོད་བཞིན་པའི་སྐབས་འབྲི་ཆུ་ནི་རྫས་ངན་གྱི་འབགས་བཙོག་ལ་གདོང་ལེན་བྱེད་པའི་གནས་སྟངས་ནང་ལྷུང་ཡོད། གཙང་ཆེན་འདི་དག་བོད་མཐོ་སྒང་ཕྱི་ལོ་ ༢༠༠༧ ལོར་རྒྱལ་སྤྱིའི་རང་བྱུང་ཐེབས་རྩ་ཚོགས་པས་འཇིག་ཉེན་ཆེ་ཤོས་ཀྱི་གནས་སྟངས་སུ་ལྷུང་པའི་འཛམ་གླིང་གི་གཙང་ཆེན་བཅུའི་མིང་འདོན་བྱས་པའི་ཁོངས་ནས་ཆུ་ཆེན་བཞི་བོད་མཐོ་སྒང་ནས་འགོ་འཛུགས་ཀྱིས་བཞུར་བའི་གཙང་ཆེན་ཁག་ཅིག་ཡིན།

ནས་བཞུར་བཞིན་ཡོད་པའི་དབང་གིས་ཆུ་མཛོད་ཀྱི་ལས་གཞི་ཕལ་ཆེ་བ་བོད་ནང་འགྲོ་བཞིན་ཡོད། སེངྒེ་ཁ་འབབ་ཀྱི་བཞུར་རྒྱུད་དུ་འཚོ་གནས་བྱེད་པའི་མི་རྣམས་ལ་སྒེར་གྱི་ཆུའི་དགོས་མཁོ་བེད་སྤྱོད་ཀྱི་ཚད་གཞིར་མཚོན་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་འཕྲོད་བསྟེན་དང་འཚོ་གནས་ཀྱི་ཆེད་གཏན་འབེབས་བྱས་པའི་མ་མཐའི་ཆུ་བེད་ཀྱི་ཚད་གཞི་དེ་ཙམ་ཡང་ཐོབ་ཀྱི་མེད།
གནམ་གཤིས་འགྱུར་ལྡོག་གི་རྐྱེན་གྱིས་གཙང་ཆེན་ཁག་ལ་གནོད་སྐྱོན་ཐེབས་བཞིན་པ་དང་མཉམ་དུ། གཙང་ཆེན་ཁག་ལ་ཚུལ་དང་མི་མཐུན་པའི་བཀོལ་སྤྱོད་བྱེད་པའི་གནས་སྟངས་འདིས་ཀྱང་གནམ་གཤིས་འགྱུར་ལྡོག་ལ་རྒྱུ་རྐྱེན་བྱེད་སྲིད་པ་ཡིན།

རྒྱལ་སྤྱིའི་རྒྱུག་ཆུའི་འབྲེལ་མཐུད་ཚོགས་པ་ལྟར་ན་ཆུ་མཛོད་ཧ་ཅང་ཆེན་པོ་ཁག་གིས་གོ་ལའི་ཚ་དྲོད་འཕེལ་བའི་རྒྱུ་རྐྱེན་བྱེད་ཀྱི་ཡོད་འདུག རྒྱུ་མཚན་ནི་འཁྱིལ་ཆུའི་རིགས་ཀྱིས་རྩི་ཤིང་དང་སྲོག་ཆགས་ཀྱི་ཕུང་པོ་རུལ་སུངས་སུ་གྱུར་པར་བྱས་ཏེ་ན་རླངས་ཁྱབ་སྤེལ་བྱེད་ཀྱི་ཡོད། ཡང་རྒྱལ་སྤྱིའི་ཆུ་མཛོད་ཞིབ་དཔྱོད་ཁང་གིས་བརྗོད་གསལ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༠ ལོར་ཆུ་མཛོད་ཆེ་བའི་གྲངས་འབོར་ ༢༢ ཡོད་པ་དེ་ཕྱི་ལོ་ ༢༠༠༠ ལོའི་བར་ཆུ་མཛོད་གྲང་ ༢༢༠༠༠ བར་མང་དུ་བཏང་ཡོད། འབྲི་ཆུ་དང་ཡར་ཀླུང་གཙང་པོའ་ིབཞུར་རྒྱུན་ཁ་ཕྱོགས་བསྒྱུར་ཏེ་རྨ་ཆུའི་ནང་འདྲེན་རྒྱུའི་རྒྱ་གཞུང་གི་འཆར་གཞི་འདིས། རྒྱ་ནག་གི་མི་འབོར་ཆེས་མང་པོ་འཚོ་སྡོད་བྱེད་ཡུལ་དུ་བཞུར་བཞིན་པའི་རྨ་ཆུའི་བཞུར་ཚད་རྒྱས་པར་ཕན་ཐོགས་ཡོད་ངེས་ཀྱང་། འབྲི་ཆུ་དང་ཡར་ཀླུང་གཙང་པོའི་ཆུའི་དགོས་མཁོར་བརྟེན་ཏེ་འཚོ་སྡོད་བྱེད་པའི་མི་འབོར་ས་ཡ་མང་པོའི་ཆུའི་ཐོབ་སྐལ་འཕྲོག་ངེས་ཡིན། ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱིས་མཁོ་འདོན་གནང་།

ཐེངས་ 42133 བཀླགས་འདུག