Donate

རྗོ་གྷའི་ཝ་རའི་ལམ་ (Jogiwara Road) གྱི་གད་སྙིགས་གཙང་བཟོ།

རྗོ་གྷའི་ཝ་རའི་ལམ་ (Jogiwara Road) གྱི་གད་སྙིགས་གཙང་བཟོ།

 ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་གོ་སྒྲིག་དང་འཆར་འགོད་འོག་བཞུག་སྒར་དྷ་སའི་ཁོར་ཡུག་གཙང་བཟོའི་བྱ་འགུལ་སྤེལ་བ།

          ཕྱི་ཟླ་ ༥ ཚེས་ ༢༠ ཉིན་ཚོགས་པའི་ཟླ་རེའི་ཁོར་ཡུག་གཙང་བཟོའི་ལས་གཞིའི་འོག་བཞུགས་སྒར་དྷ་སའི་ཁོར་ཡུག་གཙང་བཟོ་བྱས། དེ་ཡང་དང་པོར་ཚོགས་པའི་ལས་བྱེད་བློ་བཟང་ལགས་ཀྱིས་སྤྱིར་ཁོར་ཡུག་གལ་ཆེ་ཚུལ་དང་། ལྷག་པར་དུ་དྷ་ས་ནི་༧གོང་ས་མཆོག་གི་བཞུགས་གནས་དང་། རྒྱལ་ཁབ་འདྲ་མིན་ནས་མི་སྣ་གལ་ཆེན་མང་པོ་ཡང་ཡང་ཕེབས་ཀྱི་ཡོད་པ་སོགས་ཀྱིས་གཙང་མར་ཉར་རྒྱུ་ཧ་ཅང་གལ་ཆེ་བའི་སྐོར་བོད་ཨིན་གཉིས་ཐོག་ནས་དེར་འཛོམས་པའི་མི་མང་ལ་འགྲེལ་བརྗོད་གནང་།

དེ་ནས་ཚོགས་པའི་སྐད་ཡིག་འཛིན་གྲྭ་སོགས་ལ་དང་བླངས་ཀྱིས་སློབ་ཁྲིད་གནང་མཁན་ཕྱི་རྒྱལ་བ་རྣམས་དང་། སློབ་ཕྲུག དེ་བཞིན་ལས་བྱེད་སོགས་ལས་འགུལ་ལ་མཉམ་ཞུགས་གནང་སྟེ་དྷ་ས་མེག་གྷན་ནས་རྗོ་གྷའི་ཝ་རའི་ལམ་ (Jogiwara Road) ཁའི་གཡས་གཡོན་གྱི་གད་སྙིགས་དང་། མེག་ལོར་གྲོང་སྡེའི་གཤམ་ན་ལམ་གྱི་འོག་ཏུ་གད་སྙིགས་མང་པོ་གཡུགས་ཡོད་པ་དེ་དག འགྱིག་སྒྱེ་ཆེ་ཆུང་སྣ་ཚོགས་ཀྱི་ནང་དུ་བརྫངས་ཏེ་ཕྱོགས་གཅིག་ཏུ་སྤུངས་པ་དང་། (དྷ་སྟེང་གཙང་བཟོའི་བྱ་འགུལ) Clean Upper Dharamsala Programme (CUDP) ཞེས་པ་དྷ་ས་གཙང་མ་བཟོ་བར་གད་སྙིགས་ལེན་མཁན་གྱི་སྙིགས་འདྲེན་རླངས་འཁོར་གྱིས་གད་སྙིགས་གཡུག་སར་དབོར་བ་རེད།

             དེ་རྗེས་མཉམ་ཞུགས་གནང་མཁན་ཡོངས་དང་། སྙིགས་འདྲེན་རླངས་འཁོར་གྱི་ཁ་ལོ་བ་སོགས་ལ་ལྷའི་ཞི་བའི་ཚལ་དུ་གུང་ཚིགས་ཕུལ་བ་སོགས་ཚོགས་པའི་ངོས་ནས་ ཟླ་རེ་བཞིན་ཁོར་ཡུག་གཙང་བཟོ་བྱེད་པའི་བྱ་འགུལ་ལེགས་གྲུབ་བྱུང་།

 

 

 

 

 

 

 

 

 

 

 

 

ཐེངས་ 42196 བཀླགས་འདུག