Donate

རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་མི་དང་བོད་མི་མཉམ་རུབ་ཀྱིས་ཤིང་སྣ་འདེབས་འཛུགས་ཀྱི་ལས་གཞི་སྤེལ་བ།

ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༧ རེས་གཟའ་ཉི་མའི་ཉིན་བཞུགས་སྒར་རྡ་རམ་ས་ལར་ཆར་ཤུགས་ཆེ་བའི་དཀའ་ངལ་ལ་མ་འཛེམས་པར་རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པས་རྡ་རམ་ས་ལའི་བོད་མི་དང་མཉམ་རུབ་ཐོག་ནས་དྷ་རམ་ཀོ་ཊི་རི་རྒྱུད་དུ་ཤིང་སྣ་འདེབས་འཛུགས་ཀྱི་ལས་གཞི་ཞིག་སྤེལ་འདུག

Greetree1དེ་ཉིན་ལས་གཞི་དབུ་འཛུགས་ཆེད་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། ཀངྒ་ར་རྫོང་གི་ཤིང་ནགས་ལས་ཁུངས་ཀྱི་གཙོ་འཛིན་སྐུ་ཞབས་པྲ་ཝིན་ཐཱ་ཀུར་ Praveen Thakur ལགས་རྣམ་གཉིས་ཕེབས་ནས་དབུ་འཛུགས་གནང་འདུག

greetree 2སྤྱིར་ལས་གཞི་དེའི་ནང་རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་དང་ས་གནས་ཡུལ་མི། རྡ་ས་ས་གནས་འགོ་འཛིན་ལས་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་ཁོར་ཡུག་ཚན་པ། བོད་ཀྱི་གཞོན་ནུ་ཚོགས་པ། བུད་མེད་ཚོགས་པ། དགུ་བཅུ་གསུམ་ལས་འགུལ་ཚོགས་པ། རྡ་ས་མཉམ་ལས། རྣམ་རྒྱལ་གྲྭ་ཚང་། དགེ་ལྡན་ཆོས་གླིང་སོགས་རྡ་སར་རྟེན་གཞི་བྱས་པའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་། དགོན་སྡེ་ཁག་བཅས་ནས་མི་གྲངས་ ༦༠ ལྷག་མཉམ་ཞུགས་གནང་སྟེ། དྷ་རམ་ཀོ་ཊི་རི་རྒྱུད་དུ་ཁྱོན་ཤིང་སྡོང་ ༣༠༠ ལྷག་འདེབས་འཛུགས་གནང་འདུག

དེ་ཡང་རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པས་ཧ་ལམ་ལོ་ལྟར་༸སྐུའི་འཁྲུངས་སྐར་དུས་ཆེན་དང་། ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཉིན་མོ་བཅས་སུ་རྡ་སའི་རི་འདབས་སུ་ཤིང་སྣ་འདེབས་འཛུགས་ཀྱི་ལས་གཞི་འདི་གནང་བཞིན་ཡོདཔ་བཅས།།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་ལས་དྲངས།

 

ཐེངས་ 42187 བཀླགས་འདུག