Donate

རྩྭ་ཐང་ཉམས་རྒུད་དང་ཐལ་ཆེའི་ས་ཞིང་འདེབས་ལས།

ཕྱི་ལོ་ ༡༩༤༩ ནས་འགོ་བཙུགས་ཏེ་ཕྱི་ལོ་ ༢༠༠༦ བར་གྱི་བོད་མཐོ་སྒང་གི་རྩྭ་ཐང་ཉམས་རྒུད་ཀྱི་གནས་སྟངས་འདི་ནི་ཡིད་སྐྱོ་དགོས་པའི་བྱུང་བ་ཞིག་ཡིན། གོ་ལའི་ཚ་དྲོད་འཕེལ་བར་སེམས་འཚབ་སྐྱེ་གཞིའི་གནད་དོན་ཞིག་ཏུ་མ་གྱུར་པའི་དུས་རིང་སྔོན་དུ་བོད་པའི་འབྲོག་པ་དང་ཕྱུགས་རྫི་ཚོས་རང་བྱུང་ཁམས་དང་མཐུན་གནས་ཀྱི་འཚོ་བ་བསྐྱལ་ཏེ་གནས་ཡོད།

འོན་ཀྱང་ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་ནས་མི་དམངས་བཅིངས་གྲོལ་དམག་ཟེར་བ་བོད་དུ་བསླེབས་པ་དེ་ནི་གནས་སྟངས་འཕོ་འགྱུར་གྱི་དུས་མཚམས་ཤིག་ཡིན། ཕྱི་ལོ་ ༡༩༥༠ དུས་འགོ་ནས་བཟུང་རྒྱ་ནག་གིས་ཞིང་ལས་ཐོན་སྐྱེད་གོང་འཕེལ་གཏོང་བའི་སྲིད་བྱུས་དེ་ཡར་རྒྱས་ཐབས་བྱུས་ཀྱི་ལྟེ་བར་བརྩིས་ཡོད། ཞིང་ལས་ཐོན་སྐྱེད་གོང་འཕེལ་གཏོང་རྒྱུ་ཨང་དང་པོར་བརྩི་བའི་དུས་ཡུན་ནང་། ཕྱི་ལོ་ ༡༩༥༨ ལོའ་ིམའོ་ཙེ་ཏུང་གི་མདུན་སྐྱོད་ཆེན་མོ་ཞེས་པའི་བྱུས་ཉེས་ཆེ་བའི་ལས་འགུལ་དེ་འཕྲུལ་ལས་གསར་བརྗེའི་ངོ་བོར་དྲིལ་བསྒྲགས་བྱས་ཡོད།
ལས་འགུལ་འདིས་རྩྭ་ཐང་དང་ཤིང་ནགས་ལ་བསམ་ཡུལ་ལས་འདས་པའི་གཏོར་སྐྱོན་བཏང་ཡོད། མའོ་ཙེ་ཏུང་གི་ས་ཞིང་བཅོས་སྒྱུར་སྐོར་གྱི་ཐོན་སྐྱེད་གཅིག་བསྡུས་ལམ་ལུགས་ཞེས་པ་དེ་ལ་ཉིན་དང་པོ་རང་ནས་གྲོང་གསེབ་མི་མང་ཚོས་མོས་མཐུན་རྩ་བ་ནས་བྱས་མེད། བཀོད་སྒྲིག་གསར་པ་དེས་ཞིང་པ་ཚོའི་གནས་བབས་དེ་གྲོང་ཁྱེར་བ་རྣམས་ལས་དམན་པ་ལྟ་བུ་ཞིག་ཏུ་གྱུར་པའི་ཚོར་སྣང་བྱུང་ཞིང་། གྲོང་ཁྱེར་བ་ཚོའི་བདེ་དོན་ཆེད་དབུས་གཞུང་གི་ལོ་རེའི་སྔོན་རྩིས་ཁོངས་ནས་མཐུན་རྐྱེན་མཁོ་སྤྲོད་བྱེད་རྒྱུ་གསལ་ཡང་། ཞིང་པ་ཚོའི་བདེ་སྡུག་ཡོངས་རྫོགས་ཏང་ཡོན་དང་། གནམ་གཤིས་ལེགས་ཉེས། ཞིང་ས་ཡག་སྡུག་ལ་རག་ལུས་པའི་གནས་སུ་གྱར་ཡོད། དེ་ལྟ་ན་ཡང་ཞིང་པ་ཚོས་བཀོད་སྒྲིག་གསར་པ་དེར་མངོན་གསལ་དོད་པོས་ངོ་རྒོལ་གང་ཡང་བྱེད་ཐུབ་མེད། འོན་ཀྱང་ཁོང་ཚོས་ཐབས་ལམ་གཞན་ཞིག་སྤྱད་ཡོད་པ་ནི། མཉམ་སྦྲེལ་ལས་མི་ཚོས་སྒེར་སོ་སོས་ལས་དོན་ནང་ནུས་ཤུགས་མི་འདྲ་བ་བཏོན་ཀྱང་། སྟོན་ཐོག་གི་ཐོབ་ཆ་མང་ཉུང་མེད་པར་གཅིག་མཚུངས་ལས་མེད་སྟབས། གཟབ་གཟབ་དང་ཞིབ་ནན་གྱི་ལམ་ནས་མི་གཞན་གྱིས་ལས་རྩོལ་ཇི་བྱེད་ཀྱི་ཚད་གཞི་དེ་ལས་མང་བ་མི་བྱེད་པའི་གཡོལ་ཐབས་བྱས་པ་རེད། དེའི་འབྲས་བུར་ཞིང་ལས་ཐོན་སྐྱེད་ཀྱི་འབོར་ཚད་ཆུང་དུ་ཕྱིན་པ་དང། བཟའ་བཅས་མ་འདང་བའི་མཇུག་འབྲས་དེས་དབུས་གཞུང་ལ་དཀའ་རྙོག་གི་གཞི་རྩར་གྱུར་ཡོད། གནས་སྟངས་འདི་དག་གིས་བོད་ཀྱི་

ལོ་རྒྱུས་ནང་ཆེས་ཐོག་མ་ཡིན་པའི་བཟའ་འབྲུ་མི་འདེང་བའི་གནས་སྟངས་དེ་བྱུང་བ་རེད།165 ཨ་མདོའ་ིནང་སྤྱི་ལེ་གྲུ་བཞི་མ་ ༦༧ ༠ ཙམ་གྱི་ས་ཁྱོན་གྱི་རྩྭ་ཐང་ཞིང་སར་བསྒྱུར་ཅིང་། འབྲོག་པ་རྣམས་ས་གནས་ཀྱི་གནས་སྟངས་ཀྱི་ཆ་ནས་འཚམ་པོ་མེད་པ་ཙམ་མ་ཟད། རྒྱུས་མངའ་གོམས་འདྲིས་མེད་པའི་ཞིང་པའི་འཚོ་ཐབས་སུ་བསྒྱུར་དགོས་པའི་བཙན་བཀའ་བཏང་ཡོད། སྲིད་གཞུང་གིས་རྩྭ་ཐང་ཞིང་ཁར་བསྒྱུར་བའི་བྱ་བ་འདིར་"ཞིང་ས་གསར་སྦོལ་"ཞེས་པའི་ཐ་སྙད་བཏགས་ཡོད། འོན་ཀྱང་ལས་དོན་དེའི་མཇུག་འབྲས་སུ་ཨ་མདོའི་ནང་སྟངས་འཛིན་བྱ་ཐབས་མེད་པའི་རྩྭ་ས་བྱེ་འགྱུར་གྱི་གནས་སྟངས་སུ་གྱར་ཡོད། བོད་ནང་རྒྱ་མི་རིགས་ཀྱིས་འདེབས་ལས་བྱས་པའི་ས་ཞིང་དང་པོ་དེ་ནི་ཕྱི་ལོ་ ༡༩༥༢ ལོར་བཅིངས་གྲོལ་དམག་གིས་ལྷ་ས་གྲོང་ཁྱེར་གྱི་ནུབ་ངོས་དང་སྟོད་ལུང་བདེ་ཆེན་རྫོང་གི་ཤར་གྱི་མཚམས་དེར་ས་སློག་གསར་སྦོལ་བྱས། དེ་ནི་ལོ་རྒྱུས་ཐོག་བོད་གཞུང་གིས་ལུག་ཁྱུ་འཚོ་སྐྱོང་བྱེད་སའི་ས་ཁུལ་ཞིག་ཡིན། ས་ཁུལ་འདི་བཅིངས་གྲོལ་དམག་ཟེར་བས་བདག་བཟུང་བྱས་པ་ནས་དུས་ཚོད་མི་རིང་བར་ལྷ་ས་ནས་བརྒལ་ཏེ་གཞིས་ཀ་རྩེ་དང་ཆབ་མདོ།
གཏིང་སྐྱེས། ཀོང་པོ། མངའ་རིས་སོགས་སུ་ཡང་དེ་མཚུངས་ཀྱི་ལས་དོན་སྤེལ་ཡོད།166
ཕྱི་ལོ་ ༡༩༦༦ ནས་ ༡༩༧༦ བར་གྱི་”རིག་གནས་གསར་བརྗེ་ཆེན་པོའི་”ལས་འགུལ་གྱིས་མི་མང་སྤྱི་ཁང་གི་ལམ་ལུགས་ལ་ཕྱོགས་ཡོངས་ནས་ཤུགས་གནོན་བརྒྱབ་སྟེ། སྒེར་བདག་གི་ས་ཞིང་དང་སྒོ་ཟོག་སེམས་ཅན་ཡོངས་
རྫོགས་སྤྱི་ཁང་ངམ་རུ་ཁག་ནང་བསྡུ་རུག་བྱེད་པའི་གནས་སྟངས་ལ་བསྐྱལ་ཡོད། ཕྱི་ལོ་ ༡༩༧༦ ལོར་མའོ་ཤི་བའི་རྗེས་སུ་ཏེང་ཞའོ་ཕིང་གིས་གོ་སྐབས་དེ་དམ་བཟུང་བྱས་ཏེ་ཐོན་སྐྱེད་འགན་གཙང་ལེན་པའི་སྲིད་བྱུས་བསྐྱར་སྤེལ་བྱས་པ་དེས། སླར་ཡང་བོད་མཐོ་སྒང་གི་རྩྭ་ཐང་སྔར་ལྷག་ས་སློག་གསར་སྦོལ་གྱིས་ཞིང་སར་བསྒྱུར་བ་དང་། བཙན་ཤུགས་ཤིན་ཏུ་ཆེ་བའི་སྒོ་ནས་ས་ཞིང་འདེབས་ལས་བྱེད་དགོས་པའི་མཇུག་འབྲས་ངན་པ་བསླངས་ཡོད།
ཕྱི་ལོ་ ༡༩༩༩ ལོར་ཝུ་དང་ཁོང་གི་ལས་རོགས་ཚོས་ཉམས་ཞིབ་བྱས་པ་ལྟར་ན། འདས་པའི་ལོ་ངོ་ ༡༥ རིང་རྒྱ་ནག་གི་ཞིང་ལས་དཔལ་འབྱོར་གྱི་གནས་སྟངས་ལ་ཆེས་མྱུར་བའི་འཕོ་འགྱུར་བྱུང་ཡོད་ཅིང་། ཕྱི་ལོ་ ༡༩༨༠
འགོ་འཛུགས་ཀྱི་དུས་སྐབས་ནས་དབུས་གཞུང་ནས་ཞིང་པ་རྣམས་ལ་འབྲུ་ལྷག་ཐོན་སྐྱེད་རྣམས་ཁྲོམ་རྭའི་ནང་བཙོང་ཆོག་པའི་གུ་ཡངས་སྤྲད་པ་དེས། ཞིང་པ་རྣམས་ལ་ཞིང་ལས་ཐོན་སྐྱེད་གོང་འཕེལ་གཏོང་བ་དང་ལྗང་ཁུའི་
གསར་བརྗེའི་(Green Revolution) འཕྲུལ་ལས་དང་ལེན་གྱི་བློ་སྟོབས་བསྐྲུན་པ་དང་། རྒྱུད་བཟང་འདྲེས་སྦྱོར་བྱས་པའི་སོན་བེད་སྤྱོད་བཏང་བ་དང་མཉམ་དུ་ཤུགས་ཆེ་བའི་རྫས་ལུད་དང་། འབུ་གསོད་བྱེད་ཀྱི་དུག་སོགས་བེད་སྤྱོད་དང་ལེན་བྱས་ཡོད། པེ་ཅིང་ནང་རྟེན་གཞི་བྱས་པའི་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་ལས་ཁུངས་ནས་སྙན་ཐོ་སྤེལ་བར། རྒྱ་ནག་ནང་རྫས་ལུད་བེད་སྤྱོད་ཀྱི་ཚད་གཞི་འཕར་བཞིན་པ་སྟེ་དཔེར་ན། ཕྱི་ལོ་ ༡༩༩༠ ལོའི་ཏུན་ས་ཡ་༢༥.༩ དེ་ ༡༩༩༤ ལོར་ཏུན་ས་ཡ་ ༣༣ .༡ ལ་འཕར་ཡོད་པ་གསལ། རྫས་ལུད་བེད་སྤྱོད་གཞི་རྒྱ་ཆེ་རུ་དང་མང་དུ་འགྲོ་བཞིན་པ་ཡིན་མོད། ཕན་ནུས་ལྡན་པའི་སྒོ་ནས་རྫས་ལུད་བེད་སྤྱོད་བཏང་བ་དེ་ནི་བརྒྱ་ཆ་ ༣༠ ཙམ་ཡིན་པ་བཤད་འདུག ཞིང་ས་རྣམས་སླར་ཡང་རྩྭ་ཐང་དུ་བསྒྱུར་ཐབས་བྱེད་པའི་ཕྱི་ལོ་ ༢༠༠༡ ནས་ ༢༠༠༦ བར་གྱི་དུས་ཡུན་དེས་དུས་སྐབས་གཞན་ཞིག་མཚོན་པར་བྱས་ཡོད། ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱིས་མཁོ་འདོན་གནང་།

ཐེངས་ 42172 བཀླགས་འདུག