Donate

རྫ་སྟོད་ས་ཡོམ་ཁྲོད་མི་གཅིག་གྲོངས་ཤིང་ཁང་པ་མང་པོར་གས་སྲུབས་ཤོར་འདུག

མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་དུ་སྤྱི་ཟླ་ ༡༠ཚེས་ ༡༧ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༣ དང་སྐར་ ༡༤ ཐོག་རིམ་པ་ ༦.༢ ཅན་གྱི་ས་ཡོམ་བྱུང་ཡོད་ཅིང་། ས་ཡོམ་དེའི་ཁྲོད་མི་གཅིག་ཚེ་ལས་འདས་
ཡོད་པ་དང་། ས་ཡོམ་བྱུང་སའི་ལྟེ་བ་སྟེ་ཨག་སྟོད་ཡུལ་ཚོའི་ཁང་པ་མང་པོར་གས་སྲུབས་ཤོར་ཞིང་ཁང་པ་ཉེན་ཁ་ཅན་དུ་གྱུར་འདུག

རྫ་སྟོད་ས་ཡོམ་ཁྲོད་གས་སྲུབས་ཤོར་བའི་ཁང་པ།

རྫ་སྟོད་ས་ཡོམ་ཁྲོད་གས་སྲུབས་ཤོར་བའི་ཁང་པ།

ས་ཡོམ་བྱུང་ཡུལ་གྱི་ལྟེ་བར་གྱུར་བའི་ཨག་སྟོད་ཡུལ་ཚོ་དང་རྫ་སྟོད་རྫོང་བར་སྤྱི་ལེ་ ༣༦ དང་། ཡུལ་ཤུལ་སྐྱེ་རྒུ་མདོ་བར་སྤྱི་ལེ་ ༡༩༥ དེ་བཞིན་ལྷ་ས་གྲོང་ཁྱེར་བར་སྤྱི་ལེ་ ༥༠༦ བཅས་ཡོད།
ཡུལ་ཤུལ་ས་ཁུལ་དུ་དེ་སྔོན་ས་ཡོམ་ཐེངས་མང་བྱུང་མྱོང་ཞིང་། ༢༠༡༠ ལོར་ས་ཡོམ་རིམ་པ་ ༦.༩་ ཅན་ཞིག་བྱུང་བ་དེའི་ཁྲོད་མི་སྟོང་ཕྲག་དུ་མའི་ཚེ་སྲོག་ཤོར་ཡོད།
སྤྱི་ལོ་ ༢༠༡༣ ལོའི་སྡོམ་རྩིས་ལྟར་ན། རྫ་སྟོད་རྫོང་ལ་མི་འབོར་ཁྲི་ ༣.༤ ཡོད་ཅིང་། དེའི་ནང་རྒྱ་དང་། ཧེ་རིགས། སོག་པ་སོགས་ཡོད་ནའང་གཙོ་བོ་བོད་མི་ཡིན་པ་དང་། སའི་མཐོ་ཚད་ཆ་སྙོམས་བྱས་ན་རྒྱ་མཚོའི་ངོས་ནས་སྨི་ ༤༠༦༩ ཡིན།

རྫ་སྟོད་ས་ཡོམ་ཁྲོད་གས་སྲུབས་ཤོར་བའི་ཁང་པ།

རྫ་སྟོད་ས་ཡོམ་ཁྲོད་གས་སྲུབས་ཤོར་བའི་ཁང་པ།

རྩོམ་དང་པར་རིས་ཀྱི་ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་གནས། (中国藏语广播CNR)

ཐེངས་ 42257 བཀླགས་འདུག