Donate

ལྷོ་ཨ་ཧྥི་རི་ཁའི་རྐྱང་ཁྲ།

རྐྱང་ཁྲ་ནི་འོ་འཐུང་སྲོག་ཆགས་རིགས་སུ་གཏོགས་པ་དང༌། སེམས་ཅན་འདི་རིགས་ལྷོ་ཨ་ཧྥི་རི་ཁ་ཁོ་ནར་འཚོ་གནས་བྱེད་ཅིང༌། སྲོག་ཆགས་འདི་མཇིང་པའི་སྤུ་ཐུང་ཞིང་གྱེན་དུ་ལངས་པ། རྣ་ཅོག་ཅུང་ཆེན་པོ་ཡོད།

ལྷོ་ཨ་ཧྥི་རི་ཁའི་རྐྱང་ཁྲ།རྔ་མ་ཅུང་ཐུང་ཞིང་སྤུ་མདོག་ལུས་ཀྱི་སྤུ་དང་འདྲ་བ་དང༌། རྔ་སྣེ་ལ་སྤུ་ཚོམ་ཞིག་སྐྱེས་ཡོད། སྲོག་ཆགས་འདི་ལ་མཐོང་སྣང་མཛེས་པའི་ལུས་ཀྱི་ཁྲ་བཅད་གཙང་བའི་རི་མོ་ཞིག་ཡོད་པས་དེ་ནི་རྐྱང་ཁྲའི་ཁྱད་ཆོས་དང་མངོན་རྟགས་ཆེ་ཤོས་དེ་ཡིན།

རྐྱང་ཁྲ་ནི་རྩྭ་གཟན་སྲོག་ཆགས་ཤིག་ཡིན་པ་དང༌། སེམས་ཅན་འདི་ནི་སེང་གེ་དང་གཟིག་སོགས་ཀྱི་ཁ་ཟས་གཙོ་བོ་ཆགས་ཡོད། རྐྱང་ཁྲ་ལ་རིགས་གསུམ་ཡོད་པ་དང༌། རིའི་རྐྱང་ཁྲ་རིགས་དེ་གཟུགས་གཞི་ཆུང་ཤོས་ཡིན་པ་དང༌། གཟུགས་པོའི་མཐོ་ཚད་ལ་མི་ཊར་ ༡་༢ ཙམ་ཡོད་ལ། ལུས་ཀྱི་སྤུ་ནི་དངུལ་མདོག་ཁྲ་ཐིག་གིས་རི་རྐྱང་གི་ལུས་ཀྱི་སྤུ་ཡོངས་རྫོགས་ཁེངས་ཡོད་པ་རེད། ཡིན་ནའང་རི་རྐྱང་དེའི་མགོ་ནི་རྫ་མདོག་ཡིན།

རྐང་པ་ཐུང་ཞིང༌། ལུས་ཚོ། སེམས་ཅན་འདི་ཁྱུ་ཚོགས་ཆུང་ཆུང་རེ་བྱས་ནས་རི་མགོ་སོགས་སུ་སྡོད་སྲོལ་ཡོད།  བྷ་ཆེལ་རྐྱང་ཁྲ་ནི་ཁྱུ་ཚོགས་ཆེན་པོ་བྱས་ཏེ་སྡོད་སྲོལ་ཡོད་པ་དང༌། ལུས་ཀྱི་ཁྲ་ཐིག་ཡང་ཅུང་མི་འདྲ་བ་ཡོད། འཚོ་གནས་བྱེད་ཡུལ་ཐང་དང༌། ཤིང་ནགས་སོགས་ཡིན། གྷེ་རི་ཝེ་རྐྱང་ཁྲ་ནི་རྐྱང་ཁྲ་རིགས་ཀྱི་ནང་ནས་ཆེས་ཤོས་ཡིན་པ་དང༌། གཟུགས་པོའི་མཐོ་ཚད་ལ་མི་ཊར་ ༡་༥ ཙམ་དང༌། ལུས་ཀྱི་ཁྲ་ཐིག་ནི་རྒྱ་ཆུང་ཞིང་གྲངས་མང་བ་ཡོད་པ་རེད།

སྲོག་ཆགས་འདི་ལྷོ་ཨ་ཧཕི་རི་ཁའི་ཤར་ཕྱོགས་སུ་འཚོ་གནས་བྱེད་བཞིན་ཡོད་པ་དང༌། ད་ཆར་སྟོངས་ལ་ཉེ་བའི་སྲོག་ཆགས་ཤིག་ཡིན་པ་རེད།  སྤྱིར་རྐྱང་ཁྲ་ལ་ངེས་གཏན་གྱི་གྲུས་རྩ་ལངས་པའི་དུས་ཤིག་མེད་ཅིང༌། རྐྱང་ཕྲུག་སྐྱེ་འཕེལ་དུས་ཚོད་ནི་ཡུལ་དེའི་ཆར་དུས་སྐབས་སུ་ཡིན།།

ཐེངས་ 42431 བཀླགས་འདུག