Donate

ཤིང་ནགས་གཅོད་འབྲེག་དང་རི་དྭགས་གསོད་བཟུང་།

རྒྱ་རིགས་ཚོང་པ་ཁག་ཅིག་གིས་འདས་པའི་ལོ་མང་རིང་སྡེ་དགེ་རྫོང་ཁོངས་ཀྱི་སྨན་ཤོད་ཆུས་ཀྱི་ཧྱོ་པ་དང་ཕུ་མ། མདའ་མ་སོགས་སུ་ཤིང་ནགས་གཅོད་འབྲེག་དང་སྐྱེལ་འདྲེན་བྱེད་ཀྱིན་ཡོད་པ་མ་ཟད། ཤིང་ནགས་ནང་རྒྱ་རྙི་འདྲ་མིན་བཙུགས་ཏེ་རི་སྐྱེས་སེམས་ཅན་གླ་བ་དང་གོ་བོ། འདབས་ཆགས་སྣ་ཚོགས་གསོད་བཟུང་བྱེད་ཀྱིན་ཡོད་འདུག

Dege Tibet 1གཞིས་སྡོད་བོད་མི་ཞིག་གིས་གནས་ཚུལ་དེའི་སྐོར་བརྗོད་དོན། ཐོག་མ་རྒྱ་རྐུན་དེ་དག་གིས་ཁྱིམ་ཕུག་ཕྱག་ནས་ཁྱིམ་བདག་རང་ཡུལ་ནས་འཕུད་དགོས་སྐོར་གཏུགས་འདུག་པ་མ་ཟད། བཤད་གྲྭའི་ཚོང་ཁང་ནང་འཛུལ་ནས་གསང་ཨང་དངུལ་སྒམ་དང་སོགས་ཀྱང་རྐུ་འཁྱེར་བྱས་ཡོད་པ་དང་། རིམ་པའི་ས་ཁུལ་དག་དག་གི་ཤིང་ནགས་ནང་འཛུལ་ཏེ་རི་དྭགས་གླ་བ་དང་གོ་བོ་སོགས་ལ་ལྕགས་རྙི་བཙུགས་ཏེ་བསད་པའི་རོ་ ༣༠ ཙམ་དང་ལྕགས་རྙི་ ༣༠༠ ལྷག་ཙམ་བཙུགས་ཡོད་པ་རྙེད་སོན་བྱུང་ཡོད་པ་རེད།

Dege Tibet 2རྒྱ་མི་དེ་དག་ནི་ལོ་བརྒྱད་དགུ་ལྷག་རིང་ས་ཆ་འདི་གར་ཚོང་ལས་བྱས་ནས་བསྡད་དེ། ནགས་ཚལ་ལ་གཏོར་བཤིག་བཏང་སྟེ་སྔོན་གྱི་ནགས་ཚལ་སྟུག་པོ་དག་ད་ཆར་ཧ་ལམ་རྩ་མེད་པ་བཟོས་ཚར་མ་ཟད། ཉིན་འདི་འགར་ལུང་འདབས་སུ་ས་རྐོ་རྡོ་སློག་གི་འཕྲུལ་ཆས་བཀོད་དེ། ཤིང་ནགས་སྐྱེལ་འདྲེན་བྱེད་པ་དང་། ཁ་ཤས་ཀྱིས་ཆུར་བསྐུར་ནས་བསྐྱེལ་འདྲེན་བྱེད་ཀྱིན་ཡོད་པ་རེད། ཅེས་དང་། མཇུག་ཏུ་ཁོས་འབོད་སྐུལ་ཞུས་དོན། “སྡེ་དགེ་རྫོང་སྲིད་གཞུང་དང་རྫོང་སྤྱི་བདེ་ལས་ཁུངས། སྨན་ཤོད་ཕུ་མདའ་ཧྱོ་གསུམ་གྱི་ཤང་ཁག་སོ་སོའི་མགོ་ཁྲིད་སོགས་འབྲེལ་ཡོད་མགོ་ཁྲིད་རྣམས་པས་གནད་དོན་འདིའི་ཐད་དོ་སྣང་དང་ཐག་གཅོད་ཡག་པོ་གནང་རོགས།” ཞེས་སོགས་བཀོད་འདུག

 

ཐེངས་ 42165 བཀླགས་འདུག