Donate

ས་གནས་མང་ཚོགས་ཀྱི་ཐོན་ཁུངས་གཞུང་གིས་འཕྲོག

སི་ཁྲོན་ཁྱུང་མཆུ་ས་ཁུལ་དུ་སྲིད་གཞུང་གིས་ཡུལ་སྐོར་ལྗོང་རྒྱུའི་ས་ཚིགས་འཛུགས་སྐྲུན་ལ་ཁ་གཡར་ཏེ་ས་གནས་མང་ཚོགས་ཀྱི་རྩྭ་ས་གཞི་རྒྱ་ཆེན་པོར་གཏོར་བརླག་བཏང་ཡོད་འདུག

Chongchu Zong 1དེ་རིང་ཕྱི་སྡོད་བོད་མི་ཞིག་གིས་འདི་ག་གསར་ཁང་དུ་གནས་ཚུལ་བརྒྱུད་སྤྲོད་བྱས་པ་ལྟར་ན། ཕྱི་ལོ་ ༢༠༡༥ ལོའི་དཔྱིད་ཀ་ནས་སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་ཁྱུང་མཆུ་རྫོང་དབལ་ཤུལ་རྨེ་བའི་ས་གནས་སྲིད་གཞུང་གི་འཆར་འགོད་འོག ཡུལ་དེའི་མཚོ་ལུང་ས་ཆར་མཚེའུ་ཞིག་ཡོད་པ་དེ་ཡུལ་སྐོར་ལྗོངས་རྒྱུའི་གནས་མཆོག་ཏུ་འཛུགས་སྐྲུན་བྱེད་རྒྱུ་ཁྱབ་བསྒྲགས་བྱས་ཏེ་མཚོ་ལུང་ས་ཆར་གཞིས་སྡོད་རུ་བ་ཚང་ལ་དམངས་སྒོར་ཁྲི་འགའ་སྤྲད་དེ་བསམ་འཆར་མེད་པ་བྱས་ཡོད་ནའང་། མཚོ་ལུང་ས་ཆ་འཛུགས་སྐྲུན་གྱི་རྒྱ་ཁྱོན་དང་འཛུགས་སྐྲུན་འཆར་གཞི་སོགས་ག་འདྲ་ཡོད་པའི་ཞིབ་ཕྲའི་གསལ་བཤད་ཅི་ཡང་མེད་པར་ག་ས་གང་དུ་རྩྭ་ཐང་གཤག་པ་དང་སློག་པ། གནས་རི་སྔོག་པ་དང་གཏོར་བཞིན་ཡོད་པ་དང་། མཚོ་ལུང་ས་ཆའི་མཚེའུ་དེ་ནི་ས་གནས་ཡུལ་མི་ཚོས་ཕ་མེས་ཡང་མེས་རིང་ནས་བླ་མཚོ་རུ་མཆོད་བཀུར་བྱེད་པའི་གནས་རི་འགངས་ཆེན་ཞིག་ཡིན་འདུག

Chongchu Zong 2གཞན། ས་ཆ་དེ་གར་ད་དུང་ཡུལ་སྐད་དུ “ཚོ་མེ” ཞེས་པའི་འབར་ཤུགས་ཆེ་བའི་རྩྭི་ཤིང་རིགས་ཤིག་ཡོད་པ་དང་། དེ་ཡུལ་མི་ཚོས་འབུད་ཤིང་གི་ཚབ་ཏུ་བཀོལ་སྤྱོད་བྱེད་བཞིན་ཡོད་ཅིང་། ལོ་འགའི་སྔོན་ནས་སྡེ་མི་རེ་འགས་ “ཚོ་མེ” བརྐོས་ཏེ་ཟུངས་ཆུའི་ཕྱོགས་ཀྱི་རྒྱ་ཚོང་བ་ཞིག་ལ་མང་པོ་བཙོངས་ཡོད་པ་དང་། ཕྱིས་སུ་ས་གནས་སྲིད་གཞུང་གིས་གནས་ཚུལ་དེ་སླར་སྐྱེས་མེད་པའི་ཐོན་ཁུངས་ལ་གཏོར་བརླགས་བྱས་པར་ཁ་གཡར་ཏེ། ས་གནས་མང་ཚོགས་ལ་ཚོ་མེ་བརྐོ་རུ་བཅུག་མེད་ནའང་། ས་གནས་སྲིང་གཞུང་གིས་མཚོ་ལུང་ས་ཆར་ས་བརྐོ་རྡོ་སློག་བྱས་པ་དང་ལྷན་དུ་མཚོ་ལུང་ས་ཆའི་ཚོ་མེ་ཞེས་པའི་རྩྭི་ཤིང་དེ་རིགས་རླངས་འཁོར་མང་པོ་ས་གནས་གཞན་དུ་སྐྱེལ་འདྲེན་བྱེད་ཀྱི་ཡོད་སྟབས། ས་གནས་ཡུལ་མི་ཚོས་རླངས་འཁོར་རེ་འགའ་བཀག་སྟེ་སྐད་ཆ་དྲིས་ཀྱང་ཁོ་ཚོར་བརྡ་ལན་གསལ་བོ་ཞིག་སྤྲད་མེད་ཁར་མཚན་མོ་རེ་རེར་ལྐོག་ནས་ཚོ་མེ་རླངས་འཁོར་མང་པོ་དབོར་འདྲེན་བྱེད་བཞིན་ཡོད་འདུག

གནས་ཚུལ་ཡོང་ཁུངས་བོད་ཀྱི་དུས་བབ།

ཐེངས་ 42133 བཀླགས་འདུག