Donate

སྦག་བཙོག་གིས་མཐོ་སྒང་བོད་ཀྱི་འཁྱག་རོམ་བཞུར་ཚད་མགྱོགས་པ།

མཁའ་རླུང་སྦག་བཙོག་གི་རྐྱེན་པས་འདས་པའི་ལོ་ངོ་༦༥ནང་ས་མཐོའི་བོད་ཀྱི་འཁྱགས་རོམ་བརྒྱ་ཆ་༡༨ཙམ་བཞུར་ཚར་འདུག Montain Everestདེ་ཡང་The Economic Timesཞེས་བའི་དཔལ་འབྱོར་དུས་དེབ་ཀྱིས་གནས་ཚུལ་སྤེལ་པ་ལྟར་ན། མཁའ་རླུང་སྦག་བཙོག་གི་རྐྱེན་པས་འདས་པའི་ལོ་ངོ་༦༥ནང་ས་མཐོའི་བོད་ཀྱི་འཁྱགས་རོམ་བརྒྱ་ཆ་༡༨ཙམ་བཞུར་ཚར་པ་མ་ཟད། རི་བོ་ཇོ་མོ་གླང་མའི་གཡས་གཡོན་གྱི་འཁྱགས་རོམ་བཞུར་ཚད་ཧ་ཅང་མཐོ་བོར་སླེབས་ཡོད་པ་རེད། དེའི་ཐད་རྒྱ་ནག་གི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གི་ཡན་ལག་མཐོ་སྒང་བོད་ཀྱི་ཉམས་ཞིབ་ལྟེ་གནས་ཞེས་པའི་འགན་འཛིན་Kang Shichangཟེར་བས་ཤིན་ཧྭ་གསར་ལས་ཁང་ལ་གནས་ཚུལ་འགྲེལ་བརྗོད་བྱས་བ་ལུང་འདྲེན་བྱས་འདུག
སྤྱི་ལོ༡༩༧༤ནས་ད་བར་ རི་བོ་ཇོ་མོ་གླང་མའི་གཡས་གཡོན་གྱི་འཁྱགས་རོམ་བརྒྱ་ཆ་༡༠ཙམ་ཉུང་དུ་སོང་ཡོད་པ་དང་། ཇོ་མོ་གླང་མའི་གཤམ་འོག་ཏུ་ཆགས་པའི་མཚོ་ཆུང་ཁག་གི་ཆུའི་མཐོ་ཚད་བརྒྱ་ཆ་༡༣ཙམ་མཐོ་རུ་སོང་ཡོད་པ་ནས་གསལ་པོ་མངོན་ཐུབ་ཀྱི་ཡོད་ལུགས་གསལ་འདོན་བྱས་འདུག གོང་གསལ་རྒྱ་རིགས་ཉམས་ཞིབ་པ་Kang Shichangཟེར་བས་བརྗོད་ན། མཐོ་སྒང་བོད་ཀྱི་འཁྱགས་རོམ་དེ་དག་རྒྱ་ནག་ནང་འཐུང་ཆུའི་ཡོང་ཁུངས་གཙོ་བོ་ཞིག་དང་། ལྷག་པར་དུ་སྐམ་ཤས་ཆེ་བའི་རྒྱ་ནག་གི་ནུབ་ཕྱོགས་ས་ཁུལ་ཁག་ལ་ཆུ་འདྲེན་གྱི་འབྱུང་ཁུངས་གལ་ཆེ་ཞིག་ཡིན་སྟབས་འཚོ་རྟེན་གྱི་རྨང་གཞི་གཙོ་བོ་ཞིག་ཆགས་ཡོད་ཅིང་། དེར་བརྟེན་མཐོ་སྒང་བོད་ཀྱི་འཁྱགས་རོམ་བཞུར་བཞིན་པ་དེས་སྣོད་བཅུད་དང་ཁོར་ཡུག་གང་གི་ཐད་ནས་འགྱུར་ལྡོག་གི་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་ངེས་པའི་སྐོར་བརྗོད་འདུག བོད་ཀྱི་འཁྱགས་རོམ་བཞུར་ཚད་ཤིན་ཏུ་མྱུར་བའི་གནས་སྟངས་ཇི་ཆགས་སྐོར། བོད་རང་སྐྱོང་ལྗོངས་ཀྱི་རེ་འཛེགས་ལས་དོན་ལྟེ་གནས་ཁང་གི་འགན་འཛིན་Zhang Mingxingཞེས་པས་ཀྱང་རྒྱ་མཚོ་ནས་མཐོ་ཚད་མི་ཀྲར་5200ཙམ་ལ་ཆགས་པའི་ཇོ་མོ་གླང་མའི་Base Campའམ་རི་འཛེགས་འགོ་འཛུགས་བྱ་སའི་ས་ཆའི་ནང་དེ་སྔ་ཡིན་ན་འཁྱགས་རོམ་མཐུག་པོ་ཡོད་ཀྱང་ད་ཆ་འཁྱགས་རོམ་བཞུར་ཏེ་བྲག་རི་དངོས་གསལ་དོད་པོས་མཐོང་རྒྱུ་ཡོད་པ་བརྗོད་འདུག

གནས་ཚུལ་ཡོང་ཁུངས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

ཐེངས་ 42168 བཀླགས་འདུག