Donate

ཨ་རིས་འཛམ་གླིང་གི་ནགས་ཚལ་ཁེབས་ཚད་མཐོང་ཐུབ་པའི་དྲ་བ་བཏོད་པ།

ཨ་རིས་འཛམ་གླིང་གི་ནགས་ཚལ་ཁེབས་ཚད་མཐོང་ཐུབ་པའི་དྲ་བ་བཏོད་པ།

རྒོས་རྒོ་(google)ཞེས་པའི་ཨ་རིའི་བརྡ་འཕྲིན་ལག་རྩལ་སྤྱི་གཉེར་ཁང་གྲགས་ཅན་གྱིས་འཛམ་གླིང་ཡོངས་ཀྱི་ནགས་ཚལ་ཁེབས་ཚད་མཐོང་ཐུབ་པའི་Global Forest Watchཞེས་པའི་དྲ་བའི་ཞབས་ཞུ་ཞིག་བཏོད་ཡོད་ཅིང་། ཞབས་ཞུ་དེར་བརྟེན་ནས་འཛམ་གླིང་གི་ས་ཁུལ་རེ་རེའི་ནགས་ཚལ་མང་ཉུང་ཅི་འདྲ་ཡིན་མིན་དུས་ལྟར་མཐོང་ཐུབ། ཞབས་ཞུ་འདིས་ནི་ཨ་རིའི་མཁའ་དབྱིངས་རྟོག་དཔྱོད་ཁང་(NASA)གིས་སའི་གོ་ལའི་ཕྱི་རོལ་ཏེ་བར་སྣང་ནས་བླངས་པའི་བརྙན་སོགས་གཞིར་བཟུང་ཡོད།
མདོག་ལྗང་ནག་གིས་ནགས་ཚལ་ཁེབས་ཚད་བརྒྱ་ཆའི་༧༥ནས་བརྒྱ་ཆའི་༡༠༠ཡིན་པ་མཚོན་ཞིང་། ལྗང་ཁུ་ཡིས་བརྒྱ་ཆའི་༥༠ནས་བརྒྱ་ཆའི་༧༥ཡིན་པ་མཚོན་ལ། ལྗང་སྐྱ་ཡིས་བརྒྱ་ཆའི་༢༥ནས་བརྒྱ་ཆའི་༥༠ཡིན་པ་མཚོན་པ་དང་། སྐྱ་མདོག་གིས་བརྒྱ་ཆའི་༢༥མན་མཚོན་ཞིང་། ཟངས་སྐྱ་ཡིས་ནགས་ཚལ་ཇེ་ཉུང་དུ་འགྲོ་བཞིན་པ་མཚོན།

ཀྲུང་གོ་དང་ཀྲུང་གོའི་ཉེ་འཁོར་ས་ཁུལ་གྱི་ནགས་ཚལ་མང་ཉུང་།

ཀྲུང་གོ་དང་ཀྲུང་གོའི་ཉེ་འཁོར་ས་ཁུལ་གྱི་ནགས་ཚལ་མང་ཉུང་།

པེ་ཅིང་གི་ནགས་ཚལ་མང་ཉུང་།

པེ་ཅིང་གི་ནགས་ཚལ་མང་ཉུང་།

ལྷོ་ཁོ་རེ་ཡའི་རྒྱལ་སའི་ནགས་ཚལ་མང་ཉུང་།

ལྷོ་ཁོ་རེ་ཡའི་རྒྱལ་སའི་ནགས་ཚལ་མང་ཉུང་།

འཇར་པན་གྱི་རྒྱལ་སའི་ནགས་ཚལ་མང་ཉུང་།

འཇར་པན་གྱི་རྒྱལ་སའི་ནགས་ཚལ་མང་ཉུང་།

ཀྲུང་གོའི་མཁའ་དབྱིངས་སྨུག་རྡུལ་གྱིས་ཁེངས་པ།

ཀྲུང་གོའི་མཁའ་དབྱིངས་སྨུག་རྡུལ་གྱིས་ཁེངས་པ།

ཀྲུང་གོའི་མདོག་ཧྲིལ་བོ་ཕལ་ཆེར་སྐྱ་བོ་ཡིན་པ།

ཀྲུང་གོའི་མདོག་ཧྲིལ་བོ་ཕལ་ཆེར་སྐྱ་བོ་ཡིན་པ། 

ཨུ་རུ་སུ་ལྗང་ཁུ་ཡིན་པ།

ཨུ་རུ་སུ་ལྗང་ཁུ་ཡིན་པ།

རྩོམ་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།
རྩོམ་སྒྲིག་པ། ཀླུ་འབུམ།

ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ་ལས་དྲངས།

གསལ་བཤད།

སྤྱིར་ན་ཀྲུང་གོའི་གནམ་གཤིས་དང་བོད་ཀྱི་ཁོར་ཡུག་དབར་འབྲེལ་བ་དེ་ཙམ་མེད་པ་ལྟ་བུར་མཐོང་སྲིད་མོད། ཞིབ་ཏུ་བསམ་ན་པར་རིས་དེ་དག་གི་ཚོས་མདོག་གི་མཚོན་ཚུལ་དང་། ལྷག་པར་དུ་ས་གཞི་ཧྲིལ་པོ་སྐྱ་ཐེང་ངེ་བ་དང་། ནམ་མཁའི་མདོག་ཀྱང་ནག་ལྷོང་ངེར་ཡོད་པའི་གོང་གི་འདྲ་པར་དེ་དག་གི་ནང་དུ་འཁོད་པའི་“ཀྲུང་གོ་” ཞེས་པའི་ནང་དུ་དེང་སང་རྒྱ་མིའི་མངའ་ཁོངས་སུ་ཡོད་པའི་རང་རེ་བོད་ཀྱི་ཡུལ་ལུང་ཐམས་ཅད་ཚུད་ནས་ཡོད། དེས་ན་བོད་ཀྱི་ཁོར་ཡུག་གི་མཁའ་དབུགས་དང་ལྗང་མདོག་གི་ནགས་ཚལ་སོགས་ཀྱི་ལས་དབང་གང་འདྲ་ཡིག་ཏུ་གྱུར་ཡོད་པ་གསལ་པོར་འདུག་ཅིང་། ལོ་དྲུག་ཅུ་བདུན་ཅུའི་ནང་དུ་བོད་ཀྱི་ཁོར་ཡུག་ལ་ཉམས་ཆག་ཆེན་པོ་ཐེབས་ཡོད་པའང་གསལ་ལེར་མངོན་གྱིན་འདུག

ཐེངས་ 42341 བཀླགས་འདུག