Donate

གལ་ཆེའི་གསར་འགྱུར།

ཁམས་ཚ་སྨད་བདེ་ཆེན་ཁུལ་འཇང་ལུང་གྲོང་ཚོས་པགས་རིགས་རྒྱན་གོས་མེ་སྲེག་བཏང་བ།

བོད་ནང་ནས་གནས་ཚུལ་བཏང་བ་ལྟར་ན། གནམ་ལོ་གསར་ཚེས་ཀྱི་སྐབས་དང་བསྟུན་ཏེ་དེ་རིང་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་ཁོངས་ཀྱི་འཇང་ལུས་གྲོང་ཚོའི་དྲང་སྲོང་སྡེ་བའི་མི་མང་གིས་

གཏེར་ཁ་སྔོག་འདོན་གྱིས་ལྷ་ས་སྐྱིད་ཆུ་འབག་བཙོག་བཟོས་པ།

རྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། ལྷ་ས་ཁུལ་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་བཟི་ཕུག་གྲོང་ཚོ་འགའ་རུ་གཏེར་ཁའི་ལས་དོན་གྱི་རྐྱེན་པས་ད་ཆ་དུག་ཆུ་རྣམས་རྒྱུན་གཏན་གྱི་མི་དང་སེམས་ཅན་གྱི་འཐུང་ཆུའི་ནང་དུ་རྒྱུགས་བཞིན་ཡོད་པ་མ་ཟད།

རྡོ་སོལ་སྔོག་པ་དང་ཨ་དགེ་སྐྱིད་ལུང་གི་རྩྭ་ཐང་ལ་ཉམས་རྒུད།

ནང་ཆེན་ཕྱོགས་སུ་རྡོ་སོལ་སྔོག་འདོན་བྱས་བར་ས་གནས་བོད་མིར་དཀའ་ངལ་འདྲ་མིན་འཕྲད་བཞིན་པ་རེད་འདུག དེ་ཡང་བོད་ནས་འདི་གར་གནས་ཚུལ་འབྱོར་དོན།

འཛམ་གླིང་ཁོར་ཡུག་ཉིན་མོ་སྲུང་བརྩི་བྱས་པ།

ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་དང་། དྷ་ས་ཁོར་ཡུག་ལས་ཁུངས། བོད་ཀྱི་བུད་མེད་ལྷན་ཚོགས་བཅས་མཉམ་འབྲེལ་གོ་སྒྲིག་འོག ཕྱི་ལོ་ ༢༠༡༤ ལོའི་འཛམ་གླིང་ཁོར་ཡུག་ཉིན་མོ་སྲུང་བརྩི་དང་དྷ་ས་ཁུལ་གྱི་ཁོར་ཡུག་གཙང་བཟོའི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།

སྟོད་དིང་རིར་གཏེར་ཁ་བསྔོག་འཆར།

རྒྱ་གཞུང་གིས་གཞིས་རྩེ་ས་ཁུལ་དིང་རི་རྫོང་ཁོངས་ཀྱི་གནས་ཆེན་རྩིབས་རིའི་བྱང་རྒྱུད་དུ་གཏེར་ཁ་སྔོག་འདོན་བྱེད་འཆར་ཡོད་འདུག དིང་རི་ནས་ཡིན་པའི་གྲྭ་བྱང་ཆུབ་བྱམས་པ་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན།

མཛོ་སྒང་དུ་གཏེར་ཁ་སྔོག་འདོན་ལས་འཆར་ལ་ངོ་རྒོལ་ཤུགས་ཆེ་བྱས་པ།

ཕྱི་ལོ་ ༢༠༡༤ ཟླ་༥ ཚེས་༧ ཉིན་ཁམས་ཚ་བ་མཛོ་སྒང་རྫོང་སྟོང་འབར་ཡུལ་ཚོའི་བོད་མི་འཕགས་པ་རྒྱལ་མཚན་གྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ། རང་ལུས་ལ་གྲིས་བཙུགས་སྟེ་ཁང་སྟེང་མཆོང་ཏེ་འདས་གྲོངས་སོང་ཕྱིན་པ་དང་། དེ་རྗེས་བོད་མི་རིག་འཛིན་ཞུ་བ་ཞིག་གིས་ཀྱང་རང་ལུས་ལ་གྲི་བཙུགས་ཏེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པ་རེད།