Donate

བོད་ཀྱི་ཁོར་ཡུག

འབྲི་ཆུ་འགག་པ་ཤར་གཏོང་ཐུབ་ཡོད་ནའང་དེར་གནས་སྡོད་ཡུལ་མི་རྣམས་ལ་གནོད་འཚེ་དང་གོད་ཆག་ཚབས་ཆེན་ཕོག་འདུག

དེ་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འབྲི་ཆུ་འགག་པ་བཤང་ཐུབ་ཡོད་ནའང་འབྲི་ཆུ་དང་འདྲེས་མཚམས་སུ་གནས་ཡུལ་གྱི་དགོན་པ་དང་། གྲོང་སྡེ། སློབ་གྲྭ་སོགས་ཆུ་འཁྱིལ་ནས་གོད་ཆག་དང་གནོད་འཚེ་ཚབས་ཆེ་བཟོས་ཡོད་པ་རེད་འདུག

རི་ཉིལ་ནས་ཡར་ཀླུངས་གཙང་པོ་ཆུ་བོའི་བཞུར་ལམ་ཡང་འགག་འདུག

ཕྱི་ལོ་༢༠༡༨ ཟླ་ ༡༠ ཚེས་༡༨ ཉིན་གསར་འགྱུར་བརྒྱད་ལམ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན། བོད་ཀྱི་དུས་བབས་གསར་ཁང་གིས་སྤེལ་བའི་ནང་འཁོད་དོན། བདུན་ཕྲག་གཅིག་ནང་བོད་དུ་རི་ཉིལ་ཐེངས་གཉིས་བྱུང་སྟེ་འབྲི་ཆུ་དང་ཡར་ཀླུང་གཙང་པོའི་ཆུ་རྒྱུན་བཀག་པ་མ་ཟད་ས་གནས་མི་མང་ཛ་དྲག་ངང་གནས་སྤོར་དགོས་བྱུང་།   ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༧ ཉིན་གྱི་ཞོགས་པར། བོད་རང་སྐྱོང་ལྗོངས་སྨན་གླིང་རྫོང་ཕད་གྲོང་རྡལ་རྒྱ་ལ་ཡུལ་ཚོའི་ཉེ་འགྲམ་གྱི་ཡར་ཀླུང་གཙང་པོའི་གྲོག་རོང་དུ་རི་ཉིལ་ནས་ཆུ་བོའི་བཞུར་རྒྱུན་འགག་པར་བརྟེན།…

ཁོར་ཡུག་ལ་གཏོར་བཅོམ་དང་།འབྲི་ཆུ་བཞུར་མཚམས་ཆད་པ།

རྒྱ་ནག་གིས་བོད་ཀྱི་ས་ཆ་ཁག་ལ་གཏེར་ཁ་སྔོག་འདོན་ཚད་མེད་བྱས་པས་ཁོར་ཡུག་ལ་དོ་ཕོག་ཚད་ལས་བརྒལ་བ་བཏང་བའི་ཉེར་ལེན་ལ་བརྟེན་ནས་ད་ལྟའི་ཆར་བོད་ཡུལ་གཙོས་པའི་ཁྱིམ་མཚེས་རྒྱལ་ཁབ་མི་ཉུང་བ་ཞིག་ནང་ཆུ་ལོག་དང་ས་ཡོམ་རི་ཉིལ་སོགས་ཀྱིས་གནོད་འཚེ་རྫོགས་མཐའ་མེད་པ་འབྱུང་བཞིན་པ་རེད།

གུན་གསབ་གང་ཡང་མེད་པའི་ཐོག་འབྲོག་པའི་རྩྭ་ས་བཙན་འཕྲོག་བྱས།

བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ནུབ་ངོས་དང་ཡར་ཀླུང་གཙང་པོའི་བྱང་རྒྱུད་དུ་ཆགས་ཡོད་པའི་སྙེ་མོ་ཁུལ་དུ་འབྲོག་པའི་ཁྱིམ་ཚང་རྣམས་ལ་ལོ་གཅིག་གི་རྗེས་ལའང་ས་གཞིའི་གུན་གསབ་མ་སྤྲད་པས་སྲི་གཞུང་ལ་ཞི་རྒོལ་བྱས་ཡོད་འདུག   བོད་གནས་ལྟ་ཞིབ་ཁང་གིས་དངོས་ཡོད་གནས་ཚུལ་ར་སྤྲོད་དང་བཅས་ཏེ་བརྗོད་པར་གཞིགས་ན། ཕྱི་ལོ་༢༠༡༧ ལོའི་ལོ་དཀྱིལ་ཙམ་ནས་རྒྱ་ནག་གཞུང་གིས་བོད་ཀྱི་འབྲོག་པའི་ཁྱིམ་ཚང་དྲུག་ཅུ་ཙམ་གྱི་ས་གཞི་བཙན་གྱིས་འཕྲོག་ཡོད་པ་དང་།རྒྱ་གཞུང་གིས་འབྲོག་ས་དེ་སྒོ་ཕྱུགས་འཚོ་ས་རྩྭ་རྭ་ཞིག་ཏུ་བསྒྱར་གྱི་ཡོད་ཚུལ་བརྗོད་ཡོད་པ་རེད།

དམག་དཔུང་འབོར་ཆེན་འགྲེམ་འཇོག་གིས་བོད་མིའི་འཐུང་ཆུ་ཁ་བསྒྱུར་ལས་གཞི་བཙན་གྱིས་སྤེལ་བ།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  རྒྱ་གཞུང་གིས་མཚོ་སྔོན་ཞིང་ཆེན་མཚོ་ཤར་ཁུལ་བ་ཡན་ནམ་དཔའ་ལུང་ཧེ་རིགས་རང་སྐྱོང་རྫོང་ཆུ་མ་ཞང་དུ་རྒྱུག་ཆུ་ཁ་བསྒྱུར་ལས་གཞི་བཙན་གྱིས་སྤེལ་གྱིན་པ་དེས། ས་གནས་སོ་ནམ་བོད་མིའི་ཞིང་ཁར་ཆུ་འདྲེན་དང་སྒོ་ཕྱུགས་ཀྱི་རྩྭ་ཆུར་གནོད་སྐྱོན་བཟོ་བཞིན་འདུག

ཁོར་ཡུག་དང་གནམ་གཤིས་འགྱུར་འགྲོས་རྐྱེན་པས་བོད་ནང་གི་ས་ཁུལ་ཁག་འགའ་ལ་ཆུ་ལོག་གི་དཀའ་ངལ་འཕྲད་བཞིན་འདུག།།

བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་གནས་ཚུལ།ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གསེར་རྟ་རྫོང་གི་མངའ་འོག་ཏུ་ཡོད་པའི་བོད་རིགས་འབྲོག་ཁུལ་དུ་ཟླ་འདིའི་སྤྱི་ཚེས་༦་ཉིན་གྱི་དགུང་དྲོར་གློ་བུར་དུ་དྲག་ཆར་བབས་སྟེ་ཆུ་ལོག་བྱུང་ནས་འགྲོ་ལམ་ཆུས་ཁེངས་བ་དང་། ལམ་ལས་བ་མང་པོ་ཞིག་གི་སྡོད་གུར་དང་ཟ་མ་སོགས་ཆུས་ཁྱེར་ཡོད་པ་དང་།