Donate

གཙང་པོའི་ཆུ་མགོའི་ས་ཁུལ་དང་གཤེར་ས་ཁག་སྐམ་བཞིན་པ།

གཏན་ཆགས་འཁྱགས་རིམ་དུས་མིན་དུ་སོབ་པ། དེ་བཞིན་འཁྱགས་རོམ་བཞུར་སྟོངས་སུ་འགྲོ་བཞིན་པ། རྩྭ་ཐང་བྱེ་ཐང་དུ་འགྱུར་བའི་དབང་གིས་རླུང་ཁམས་གྱི་ཀར་བོན་བསྡུ་ལེན་ལ་ཉམས་སྐྱོན་འབྱུང་བཞིན་པ་སོགས་ནི།
དེང་སང་བོད་མཐོ་སྒང་གི་ཁོར་ཡུག་ཉམས་རྒུད་ཀྱི་རྣམ་པ་འདྲ་མིན་དག་ཡིན། རྒྱས་པར་གཟིགས།….

ད་ཡོད་བོད་མཐོ་སྒང་ལ་བརྟེན་པའི་གནམ་གཤིས་ཀྱི་མཇུག་འབྲས།

གནམ་གཤིས་མ་ལག་ཕན་ཚུན་དབར་གྱི་འབྲེལ་བ་དེ་ནི་དངོས་གནས་ངོ་མཚར་སྐྱེ་དགོས་པ་ཞིག་དང་། བློ་ཕམ་སྐྱེ་གནས་ཤིག་ཀྱང་ཆགས་ཡོད། ཉེ་དུས་ཀྱི་ཞིབ་འཇུག་པ་ཁག་གིས་འཛམ་གླིང་གི་ཆ་ཤས་གཅིག་ནས་དྲོད་ཁང་རླངས་རྫས་གློད་གཏོང་བྱས་པ་དེས་ཆ་ཤས་གཞན་གྱི་གཏན་ཆགས་འཁྱགས་རིམ་བཞུར་བ་དང་། འཁྱགས་རོམ་སྟོང་ཟད་དུ་འགྲོ་བའི་རྐྱེན་ཇི་ལྟར་བྱེད་ཚུལ་གསལ་སྟོན་བྱས་འདུག གོང་གི་ལེ་ཚན་ནང་བཤད་ཟིན་པ་ལྟར། བོད་མཐོ་སྒང་གི་འཁྱགས་རོམ་དང་ཁ་བས་གཏུམས་པའི་རི་བོ། གཏན་ཆགས་འཁྱགས་རིམ། དེ་བཞིན་ས་མཐོའི་གཤེར་ས་བཅས་ཀྱིས་ཀར་བོན་ཁྱོན་ཆེ་ཉར་སྲུང་བྱས་ཡོད་ཀྱང་། དེང་སང་མཐོ་སྒང་སྟེང་གི་དྲོད་ཚད་འཕར་བཞིན་པའི་གནས་སྟངས་ཀྱིས་ཀར་བོན་ཀྱི་ཕུང་པོ་འདི་འཐོར་གཞིག་ཏུ་འགྲོ་འགོ་ཚུགས་བཞིན་ཡོད། འདིའི་མཇུག་འབྲས་ནི་དྲོད་ཁང་རླངས་རྫས་སྔར་ལས་མང་བ་གློད་གཏོང་བྱ་རྒྱུ་དེ་ཡིན།
རང་བྱུང་གི་ཡུལ་ལྗོངས་ནང་ཀར་བོན་༼དྲོད་ཁང་རླངས་རྫས་ཀྱི་གྲུབ་ཆ་གཙོ་བོ།༽གྱི་གཏེར་མཛོད་ཆེན་པོ་ཞིག་ཉར་སྲུང་ངམ་ཐིམ་སིམ་བྱས་ཡོད་པའི་ཆ་ནས་བོད་མཐོ་སྒང་དེ་གོ་ལའི་ཐོག་གལ་འགངས་ཤིན་ཏུ་ཆེ་བའི་ཡུལ་གྲུ་དམིགས་བསལ་བ་ཞིག་ཆགས་ཡོད། ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱིས་མཁོ་འདོན་གནང་།

ཨེ་ཤི་ཡའི་ཆར་དུས་ཀྱིས་ཤུགས་རྐྱེན།

བོད་མཐོ་སྒང་གིས་ཨེ་ཤི་ཡའི་ཆར་དུས་ཀྱི་ཤུགས་རྐྱེན་དང་དེའི་སྟངས་འཛིན་གྱི་ལས་དོན་གལ་ཆེན་ཞིག་སྒྲུབ་ཀྱིན་ཡོད། དབྱར་དུས་བོད་མཐོ་སྒང་དང་ལྷོ་ཨེ་ཤི་ཡའི་ས་ཁུལ་ཁྱོན་ཆེ་ཞིག་རྒྱ་གར་རྒྱ་མཚོ་ལས་དྲོད་ཚད་མཐོ་བ་ཆགས་པ་འདིས་མཐའ་ཡི་རྒྱ་མཚོར་དོ་མི་སྙོམ་པའི་གནོན་ཤུགས་སྤྲོད་པ་དང་། རྒྱས་པར་གཟིགས།….

ཀར་བོན་དབྱེ་འཇོག་བྱེད་པའི་གཤེར་ས།

འཛམ་གླིང་ཁྱོན་ཡོངས་ཀྱི་གཤེར་ས་རྣམས་ཀྱིས་གོ་ལའི་སྐམ་ས་དང་ཕྱེད་སྐམ་སའི་ས་ཁུལ་ཁག་ཏུ་གཤེར་བྱེད་བསྐྱར་གསོག་གི་བྱ་བ་གལ་ཆེན་ཞིག་སྒྲུབ་ཀྱིན་ཡོད། བོད་མཐོ་སྒང་གི་གཤེར་ས་རྣམས་ནི་ཀར་བོན་ཉར་སྲུང་བྱེད་པོ་གཙོ་བོ་ཡིན་པ་མ་ཟད། གཙང་ཆེན་ཁག་གི་འབབ་རྒྱུན་ལ་སྟངས་ཅིན་གྱི་བྱ་བ་གཙོ་བོ་དེ་ཡང་སྒྲུབ་ཀྱིན་ཡོད། རྒྱས་པར་གཟིགས།….

ས་མཐོའི་རྩྭ་ཐང་དང་སྤང་ལྗོངས།

བོད་སྟོད་རྒྱུད་ཀྱི་བྱང་ཐང་ས་ཁུལ་ནས་ཤར་ཕྱོགས་ཀྱི་མཐའི་བར་གྱི་ས་མཐོའི་རྩྭ་ཐང་ས་ཁུལ་འདི་ནི་རྒྱ་མཚོའི་ངོས་ལས་སྤྱི་སྙོམ་མཐོ་ཚད་མི་ཊར་ ༤༥ ༠༠ ཡི་སར་ཆགས་ཡོད། དེ་ནི་ཧ་ལམ་བོད་ཀྱི་ས་ཁྱོན་གྱི་བརྒྱ་ཆ་༧༠ ཙམ་ཟིན་གྱི་ཡོད། ས་མཐོའ་ིབྱེ་ཐང་དང་སྤང་ལྗོངས། རི་སྐྱེས་ཀྱི་ཤིང་ཕྲན་དང་རྩི་ཤིང་སོགས་ཀྱིས་སྒོ་ཟོག་གནག་ཕྱུགས་སོགས་རྒྱུན་ཉར་ཐུབ་པའི་མཐུན་རྐྱེན་བསྐྲུན་པ་དང་། གྲངས་འབོར་ཤིན་ཏུ་ཆེ་བའི་རི་སྐྱེས་སྲོགས་ཆགས་སྣ་ཚོགས་ལའང་འཚོ་གནས་ཀྱི་དགོས་མཁོ་བསྐྲུན་གྱི་ཡོད། རྒྱས་པར་གཟིགས།….

ཀར་བོན་སིམ་འཇོག་བྱེད་སའི་གཏན་ཆགས་འཁྱགས་རིམ།

འཛམ་གླིང་གི་སྟེང་སའི་ཀར་བོན་ཀྱི་སུམ་ཆ་གཅིག་ཙམ་ཞིག་(བརྒྱ་ཆ་ ༢༣ ནས་ ༤༨ )གཏན་ཆགས་འཁྱགས་རིམ་གྱི་འོག་ཏུ་གནས་ཡོད་13,14ཅིང་། འདིའི་ཉམས་རྒུད་ལ་བརྟེན་ནས་ཀར་བོན་ཧ་ཅང་ཕོན་ཆེན་ཞིག་རླུང་ཁམས་ཀྱི་ནང་དུ་འཛུལ་ཞུགས་བྱེད་པ་དེས་གོ་ལའི་ཚ་དྲོད་རྒྱས་རྒྱུར་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཀྱི་ཡོད། རྒྱས་པར་གཟིགས།….